魔鏡歌詞網
魔鏡歌詞網 > 男生歌手 > 扎西曲批 > 戀人 > 戀人

扎西曲批



歌詞
專輯列表

扎西曲批

戀人

མཛའ་གྲོགས།
ཚིག ཐང་སྨུག
གདངས། སྟེང་ཆེན་རྡོ་རྗེ།
གཞས་པ། བཀྲ་ཤིས་ཆོས་འཕེལ།
ངའི་མི་ཚེའི་ཁྲོད།
ལོ་ཟླའི་ནང་།
ཉི་ཞག་ཀུན།
སེམས་དཀར་གྱི་ཁ་བཏགས་རེ་ལ།
དུང་བ་ཡི་ཚོམ་བུ་བཀོད་ནས།
ཡིད་ཆེས་ཀྱི་དམུ་ཐག་གཟུང་སྟེ།
མཛའ་གྲོགས་ཀྱི་ཆེད་དུ་གསོན་ཡོད།
ཁྱོའི་སེམས་པའི་གཏིང།
སྙིང་གི་དབུས།
དྲན་པའི་ཀློང་།
ཁ་པར་གྱི་བརྒྱུད་ལམ་དེད་ནས།
སྙིང་གཏམ་གྱི་མུ་ཏིག་རེ་རེ།
བརྩེ་སེམས་གྱི་མགུལ་རྒྱན་འབུལ་དུས།
更多更詳盡歌詞 在 ※ Mojim.com 魔鏡歌詞網
ཡིད་བཞག་ལ་རེ་བ་བཅོལ་ཡོད།
ངའི་མཚོ་བའི་ཀློང་།
རྨི་ལམ་ནང་།
ལམ་གྱི་ཟུར།
མངར་སྐྱུར་གྱི་དྲོ་བ་མྱོང་དུས།
མཛེས་སྡུག་གི་ཞིང་ཁམས་འགྲིམ་དུས།
གྱེན་ཐུར་གྱི་ལམ་བུ་བགྲོད་དུས།
སེམས་ནང་ན་ཁྱེད་རང་ཤར་འདུག
ཁྱོའི་མི་ཚེ་ལ།
འདུན་ལམ་ལ།
བདེ་སྐྱིད་ལ།
བསམ་དོན་ལ་བར་ཆད་མེད་ཤོག།
མདུན་ལམ་ལ་འོད་སྟོང་འཚེར་ཤོག
བདེ་སྐྱིད་ཀྱི་དགོད་སྒྲའི་ཁྲོད་ནས།
འུ་གཉིས་པོ་ལྷན་འཛོམས།